ཕུན་ཚོགས།
 
བསམ་གཏན་གླིང་སློབ་གྲྭ་ཆུང་བ། 
བསམ་གཏན་གླིང་།  
  Home
  VISION
  STAFF
  National Anthem
  CELEBRATION
  Announcement
  Prayers
  => Changchoed
  => Jamyang Soeldep
  => Jamchoed
  => Tomchoed
  => Chapdro
  => Yangchen Lhamoi Toepa
  Examination
  Photo
  Student
  Gallery
  Evening Prayer
དགའ་སྐྱིད།
Changchoed

 

 

༄༅། །ཆང་མཆོད། ཨོཾ་ཨཱ༔ཧཱུཾ། ཚར་གསུམ། མཆོད་དོ། ཕུདཐམས་ཅད་ཀྱི་མངའ་བདག། རིགས་ཐམས་ཅད་ཀྱི་དབང་ཕྱུག།  དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ།  དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་རྩ་བརྒྱུད་ཀྱི་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁ་ཧི།   


གཅིག།

 

 

བྱ་བའི་རྒྱུད།  སྤྱོད་པའི་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁ་ཧི།   

 


གཉིས།

 

 

གནས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་། དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཕྱོགས་སྐྱོང་དང་ཞིང་སྐྱོང་གི་མཁའ་འགྲོ་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁ་ཧི།   

 


གསུམ།

 

 

དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། རྣལ་འབྱོར་གྱི་དགྲ་ལྷ། དུག་གསུམ་གྱི་སྨན་པ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ་ཆེན་པོ་བྱ་རོགས་མིང་ཅན་འཁོར་བཀའ་སྡོད་དང་བཅས་པ་ལ་སོགས་པ་དམ་པ་ཆོས་སྐྱོང་བའི་སྲུང་མ་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་ཞལ་དུ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁ་ཧི།   

 


བཞི།

 

 

གཞན་ཡང་ཡུལ་ཕྱོགས་འདི་ཉིད་ན་གནས་པ་ལ་སོགས་པའི་ལྷ་མ་སྲིན་སྡེ་བརྒྱད། འགྲོ་བ་རིགས་དྲུག།   སྐྱེ་གནས་རྣམ་པ་བཞིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་ཞལ་དུ་པཉྩ་ཨ་མྲི་ཏ་པཱུ་ཛ་ཁ་ཧི།    འདི་ཀུན་མཁྱེན་པདྨ་དཀར་པོའི་གསུང་ཡིན།

 


ལྔ།

 

 
སློབ་གྲྭ།  
   
ANNOUNCEMENT  
  THE SCHOOL WEBSITE IS COMING UP SOON.  
REMINDER FOR SCHOOL FACULTIES  
  THE FIFTH BLOCK HAS JUST BEEN CATCH UP.  
གོང་འཕེལ།  
  བསོད་ནམས།  
དགེ་བ།  
  བློ་རིག།  
Today, there have been 8 visitors (9 hits) on this page!
མཆོད་པ། This website was created for free with Own-Free-Website.com. Would you also like to have your own website?
Sign up for free