ཕུན་ཚོགས།
 
བསམ་གཏན་གླིང་སློབ་གྲྭ་ཆུང་བ། 
བསམ་གཏན་གླིང་།  
  Home
  VISION
  STAFF
  National Anthem
  CELEBRATION
  => Fourth King's Zhabten
  => Kids Athletics
  Announcement
  Prayers
  Examination
  Photo
  Student
  Gallery
  Evening Prayer
དགའ་སྐྱིད།
Fourth King's Zhabten
འབྲུག་རྒྱལ་བཞི་པའི་ཞབས་བརྟན།
ཨོྃ་སྭ་སྟི། ངོ་བོ་ཀ་དག་ཆོས་སྐུ་འོད་དཔག་མེད།།རང་བཞིན་ལྷུན་གྲུབ་ལོངས་སྐུ་སྤྱན་རས་གཟིགས།།ཐུགས་རྗེས་ཀུན་ཁྱབ་སྤྲུལ་སྐུ་པདྨ་འབྱུང་།།སྐུ་གསུམ་རྒྱལབའི་དེང་འདིར་ཤིས་པ་སྩོལ།།ཤམ་བྷ་ལ་རུ་རིགས་ལྡན་པད་ཀར་འཛིན།།ཁ་བ་ཅན་དུ་སྲོང་བཙན་སྒམ་པོའི་ཞབས།།ཞིང་འདིར་དཔལ་ལྡན་འབྲུག་པ་བདུད་འཇོམས་རྗེ།།སྙིང་ནས་དྲན་ནོ་བྱང་ཆུབ་བར་དུ་སྐྱོངས།།གང་གི་གསང་གསུམ་སྒྱུ་འཕྲུལ་བསམ་ཡས་ཀྱང་།།ལྗོངས་འདིའི་འགྲོ་ལ་རྗེས་སུ་ཆགས་པའི་དཔྱིད།།སླར་ཡང་འོ་མའི་གྲོང་གི་ཤར་རིའི་རྩེར།།གཟུགས་སྐུའི་ཉིན་བྱེད་འཆར་འདི་ཨེ་མ་ཧོ།།དེས་ན་འཇིགས་མེད་བརྟུལ་ཞུགས་རབ་འཆང་ཞིང་།།མི་ཡི་སེང་གེ་རྣམ་པར་རོལ་བའི་ལྷ།།དབང་ཕྱུག་ཆེན་པོའི་དཔལ་གྱི་མཛེས་བཞིན་དུ།།རྡོ་རྗེ་ཁྲི་ལ་བསྐལ་བརྒྱར་ཞབས་བརྟན་ཤོག། ལུགས་གཉིས་ཁྲིམས་ཀྱི་སྣང་བ་ཆེས་འབར་བས།།མི་མཐུན་རྒུད་པའི་སྨག་རུམ་ཀུན་སེལ་ནས།།བདེ་སྐྱིད་རྫོགས་ལྡན་གསར་པའི་དགའ་སྟོན་ལ།།རང་དབང་སྤྱོད་པའི་དུས་ལས་ཡོལ་མེད་ཤོག། དཔལ་ལྡན་འབྲུག་པའི་འཕྲིན་ལས་རྣམ་བཞི་ཡིས།།བསྐྱངས་པའི་སྨན་ལྗོངས་འབྲུག་གི་རྒྱལ་ཁམས་འདིར།།དཔལ་ལྡན་འབྲུག་པའི་ཆབ་སྲིད་དགུང་དུ་ཕྱུར།།གྲགས་པའི་དབྱངས་སྙན་འབྲུག་ལྟར་སྒྲོགས་པར་ཤོག། བདག་སོགས་རྗེ་བློན་འབངས་འཁོར་བཅས་པ་རྣམས།།སྐྱེ་བ་འདི་དག་ཚེ་རབས་གཞན་དག་ཏུ།།ལས་སྨོན་བཟང་པོས་གཅིག་ཏུ་འབྲེལ་བ་ཡི།།རྔ་ཡབ་དཔལ་རིའི་ཞིང་དུ་བགྲོད་པར་ཤོག།ས་གསུམ་རྒྱལ་བ་རྒྱ་མཚོའི་བྱིན་རླབས་དང་།།ཆོས་ཅན་ཆོས་ཉིད་ཟབ་མོའི་བདེན་པའི་སྟོབས།།བདག་ཅག་ལྷག་བསམ་རྣམ་པར་དག་པའི་མཐུས།།ཇི་ལྟར་སྨོན་པ་དེ་བཞིན་གྲུབ་པར་ཤོག། །།
 
སློབ་གྲྭ།  
   
ANNOUNCEMENT  
  THE SCHOOL WEBSITE IS COMING UP SOON.  
REMINDER FOR SCHOOL FACULTIES  
  THE FIFTH BLOCK HAS JUST BEEN CATCH UP.  
གོང་འཕེལ།  
  བསོད་ནམས།  
དགེ་བ།  
  བློ་རིག།  
Today, there have been 3 visitors (4 hits) on this page!
མཆོད་པ། This website was created for free with Own-Free-Website.com. Would you also like to have your own website?
Sign up for free